འཇམ་དབྱངས་རྣམ་རྒྱལ་མཆོག་གི་མཛད་རྗེས་སྨྲ་བ།

འཇམ་དབྱངས་རྣམ་རྒྱལ་མཆོག་(金•史密斯)ནི་ཨ་མེ་རི་ཀའི་ཆེས་སྐད ་གྲགས་ཅན་གྱི་བོད་རིག་ཡིག་ཚངས་ཆེད་མཁན་ཞིག་ཡིན་པ་མ་ཟད། ཨ་མེ་རི་ཀ་ཉའུ་ཡའེ(纽约)བོད་བརྒྱུད་ནང་བསྟན་ཡིག་ཆ་བརྡ་འཕྲིན་ལྟེ་གནས་གསར་གཏོད་པ་ཡིན། དུས་རབས་༢༠པའི་ལོ་རབས་༦༠པར། འཇམ་དབྱངས་རྣམ་རྒྱལ་མཆོག་ཨ་རི་རྒྱལ་ཚོགས་དཔེ་མཛོད་ཁང་གི་རྣམ་གྲངས་ལས་གཞི་བརྒྱུད་ནས། རྒྱ་གར་དང་བལ་པོ། འབྲུག་པ་སོགས་ཀྱི་རྒྱབ་ཁབ་ཏུ་པར་སློག་རྒྱག་པའི་བོད་རིག་པའི་ཡིག་ཆ་སྒྲིལ་༤༠༠༠ལྷག་འཚོལ་བསྡུ་བྱས་ཡོད།  

ཡིག་ཆ་དེ་ཚོ་ཨ་རི་རྒྱལ་ཚོགས་དཔེ་མཛོད་ཁང་དང་ཨ་རིའི་སློབ་གྲྭ་ཆེན་མོ༡༨ལྷག་གིས་ཆེས་སྔ་མ་འཚོལ་བསྡུ་བྱས་པའི་བོད་རིག་པའི་ཡིག་ཆ་ཡིན་པས། ཨ་རི་བོད་རིགས་རིག་གནས་ཞིབ་འཇུག་ལ་རྨང་གཞི་བརྟན་པོ་བཙུགས་འདུག དུས་རབས་༢༠པའི་ལོ་རབས་༩༠པར། འཇམ་དབྱངས་རྣམ་རྒྱལ་མཆོག་དང་གྲོགས་པོ་འགར་གྱིས་ཨ་རི་པའོ་ཧྲི་ཏའེ་(波士顿)་དུ་བོད་བརྒྱུད་ནང་བསྟན་གྱི་ཡིག་ཚགས་བརྡ་འཕྲིན་ལྟེ་གནས་གསར་བཙུགས་བྱས་སྟེ། ཚད་ལྡན་ཡིག་ཆ་དཔྱད་ཡིག་དང་རིག་གཞུང་ཞིབ་འཇུག་གཉིས་ཀྱི་གཅིག་འགྱུར་གྱི་ལྟེ་གནས་ཡིན་པས་རིན་ཐང་ལྡན་པའི་བོད་རིག་དཔྱད་ཡིག་ཚང་མ་འོད་སྡེར་རུ་ཕབ་ཡོད། ཞིབ་འཇུག་ལྟེ་གནས་དེའི་དྲ་རྒྱ་ནི་བོད་རིག་ཞིབ་འཇུག་པ་ཡིས་བོད་རིག་དཔྱད་ཡིག་འཚོལ་སྡུད་བྱེད་ས་དང་སྙན་གྲགས་ལྡན་པའི་བོད་རིགས་ཞིབ་འཇུག་པ་ཡིས་བེད་སྤྱོད་གཏོང་དགོས་པའི་ལག་ཆ་གལ་ཆེ་ཞིག་ཏུ་འགྱུར་ཡོད།

གཅིག བསམ་བཞིན་མིན་པའི་སྒོ་ནས་བོད་རིག་ཞིབ་འཇུག་གི་ལམ་དུ་བསྐྱོད་པ།

འཇམ་དབྱངས་རྣམ་རྒྱལ་མཆོག་ནི་༡༩༣༦ལོཟླ་བ་༨པའི་ཚེས་༡༠ཉིན་ཨ་རི་ཡའུ་ཐང་ཀྲུའུ་ཨའོ་ཀུའུ་ཏའེ(美国犹他州奥格登)་ཡི་ཡེ་ཤུ་ཆོས་ལུགས་ལ་དད་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། ཁོང་ཆུང་དུས་ཡའུ་ཐའུ་ཀྲུའུ་ཨའོ་ཀུའུ་ཏའེ་ཡི་སློབ་འབྲིང་དུ་སློབ་སྦྱོང་བྱས་མྱོང་། དུས་རབས་༢༠པའི་ལོ་རབས་༦༠དུ། ཨ་རི་ཡིས་ཡུའེ་ནན(越南)་དང་དམག་འཁྲུག་རྒྱག་བཞིན་པས། འཇམ་དབྱངས་རྣམ་རྒྱལ་མཆོག་ནི་མུ་མཐུད་དུ་སློབ་གྲྭར་འགྲོ་དོན་གཙོ་བོ་དམག་ཐོག་བཞུགས་མི་འདོད་ནས་འཐབ་འཁྲུག་དང་བྲོས་བྱོས་བྱས་པ་དེ་རྒྱུ་མཚན་གཙོ་བོ་ཡིན། དམག་ནང་ཞུགས་མི་འདོད་ན་མཐར་ཐུག་གི་ཐབས་ཤེས་ནི་སློབ་གྲྭ་ཆེན་མོ་ནང་མུ་མཐུད་དུ་སློབ་སྦྱོང་བྱས་ནས་དམག་ནང་ཞུགས་པའི་དུས་ཚོད་འགོར་འགྱངས་བྱས་དགོས། འཇམ་དབྱངས་རྣམ་རྒྱལ་མཆོག་ནི་སྔ་རྗེས་སུ་ཨ་དེའེ་ཧྥེ་སློབ་གླིང་(阿德费学院)དང་ཧའོ་པང་ཐའུ་སློབ་གླིང་(霍巴特学院)། ཡའུ་ཐང་སློབ་གྲྭ་ཆེན་མོ་(犹他大学)བཅས་ནང་སློབ་མཐར་ཕྱིན་པ་རེད། ༡༩༥༩ལོར་ འཇམ་དབྱངས་རྣམ་རྒྱལ་མཆོག་ཨ་རི་ཤིའི་ཡང་ཐའུ་ཧྥ་ཧྲེ་ཏའེ་སློབ་ཆེན་(美国西雅图华盛顿大学)ནང་ཡ་གླིང་ས་ཁུལ་གྱི་ཞིབ་འཇུག་པའི་ཤེས་རམས་པའི་ཐོབ་ཐང་ལེན་ཐུབ་ཡོད། ༡༩༦༠ལོ་ནས་༡༩༦༤ལོ་བར། ཨ་རི་ཤིའི་ཡང་ཐའུ་ཧྥ་ཧྲེ་ཏའེ་སློབ་ཆེན་ནང་མུ་མཐུད་དུ་སློབ་སྦྱོང་བྱས་ནས་རབ་འབྱམས་པའི་ཤེས་ཡོན་ཐོབ་ཐང་ལེན་ཐུབ་པ། རབ་འབྱམས་པའི་ཆེད་སྦྱོང་ནི་སོག་སྐད་དང་བོད་སྐད་གཉིས་ཡིན། དེ་བར་ལ་རམ་འདེགས་དགེ་རྒན་ཡང་བྱས་ཡོད། ༡༩༦༤ལོར། ཁོ་བོ་ཐུའུ་རེ་ཝན་ལི(图瑞•崴利)་མདུན་དུ་འབུམ་རམས་པའི་ཤེས་ཡོན་ཐོབ་ཐང་གི་རྒྱུགས་སྤྲོད་གོ་ སྐབས་རག་བྱུང་བ། རྗེས་མ་ཐུའུ་རེ་ཝན་ལི(图瑞•崴利)་ནི་བོད་ཡིག་འབྲི་སྟངས་ཆེད་སྤྱོད་ཀྱི་གསར་གཏོད་པ་རེད་སོང་།༡༩༦༤ལོ་ནས་༡༩༦༦ལོ་བར། འཇམ་དབྱངས་རྣམ་རྒྱལ་མཆོག་ནི་ཧྥུའུ་ཐུའུ་ཐེར་སྦྱར་ལྷན་ཚོགས་(福特基金会)ཀྱིས་རོགས་སྐྱོར་འོག་ཁུའུ་ལན་ནན་ཏན་སློབ་གྲྭ་ཆེན་མོ་(荷兰莱顿大学)ནང་སྒྲ་རིག་པ་སློབ་སྦྱོང་བྱས་རྗེས། རྒྱ་གར་ལ་བོད་སྐད་ཞིབ་འཇུག་དང་བྱ་བ་བྱས་ཡོད། ༡༩༦༦ལོ་ནས་༡༩༦༨ལོར། ཁོང་ཨ་རི་ཝན་སའི་ཁང་ཤིའི་སློབ་གྲྭ་ཆེན་མོས་(美国威斯康辛大学)རོགས་སྐྱོར་ཐོབ་ནས། རྒྱ་གར་དང་བལ་པོའི་ས་གནས་སུ་བོད་སྐད་ཞིབ་འཇུག་དང་ས་ཞིང་བྱ་བ་སྒྲུབ་འདུག


གཉིས། བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱས་པའི་ལམ་རྒྱུད་རིང་པོ། ༡༩༦༨ལོའི་ཟླ་བ་༢པར། འཇམ་དབྱངས་རྣམ་རྒྱལ་མཆོག་བོད་རིག་ཞིབ་འཇུག་ཆེད་མཁས་ཀྱིས་དབང་གི་ཨ་རི་རྒྱལ་ཚོགས་ཀྱི་དཔེ་མཛོད་ཁང་གི་ཤིས་ཏི་ལིའི་(新德里)གཞུང་ལས་ཁང་ནང་ལས་ཀ་ཞིག་རྙེད་པས། བོད་སྐད་དང་དབྱིན་ཏེའི་སྐད་བཅས་ཀྱི་བློ་འདྲི་ས་འགྱུར་འདུག དུས་དེ་སྐབས་ནས་བཟུང་། ཨ་རི་རྒྱལ་ཚོགས་ཀྱི་དཔེ་མཛོད་ཁང་གི་ Public Law 480་ལས་གཞི་བྱ་བ་བརྒྱུད་ནས་རྒྱ་གར་དང་བལ་བོ། འབྲུག་པ་ས་གནས་སོགས་སུ་པར་སློང་རྒྱག་པའི་བོད་རིག་ཚད་ལྡན་ཡིག་ཆ་མང་པོ་ཉོས་པ། ལས་གཞི་དེ་ལོ་༢༠བར་དུ་ཡོད་པས། ཨ་རི་རྒྱལ་ཚོགས་ཀྱི་དཔེ་མཛོད་ཁང་དང་ཨ་རི་སློབ་གྲྭ་ཆེན་མོ་༡༨ཙམ་སོགས་ཀྱིས་བོད་རིག་ཡིག་ཆ་སྒྲིལ་མ་༤༠༠༠ནས་༥༠༠༠བར་ལ་ཉོས་པ་དང་། འཇམ་དབྱངས་རྣམ་རྒྱལ་རང་གིས་ཡང་བོད་རིག་ཡིག་ཆ་ཉོས་ཡོད། ༡༠༧༤ལོ་ནས་༡༩༩༦ལོ་བར། ཁོ་བོས་ཨ་རི་རྒྱལ་ཚོགས་ཀྱི་དཔེ་མཛོད་ཁང་གི་ཤེའི་ཏི་ལིའི་(新德里)གཞུང་ལས་ཁང་གི་ལས་རོགས་པ་ཡིན། ༡༩༧༨ལོའི་ཟླ་བ་༡པོ་ནས་༡༩༧༩ལོའི་ཟླ་བ་༨པ་བར། ཨ་རི་རྒྱལ་ཚོགས་དཔེ་མཛོད་ཁང་གི་ཤེའི་ཏི་ལིའི་(新德里)གཞུང་ལས་ཁང་འགོ་འཛིན་གཞོན་པ་འགན་ཁུར་བ། ༡༩༧༩ལོའི་ཟླ་༩པ་ནས་༡༩༨༠ལོའི་ཟླ་བ་༨པའི་བར། ཨ་རི་རྒྱལ་ཚོགས་དཔེ་མཛོད་ཁང་གི་རྒྱལ་ཕྱིའི་ལས་གཞི་འགོ་འཛིན་གྱི་ལས་རོགས་པའི་འོས་འགན་ཁུར་བ། ༡༩༨༠ལོའི་ཟླ་༩པ་ནས་༡༩༨༥ལོའི་ཟླ་༩བར། ཨ་རི་རྒྱལ་ཚོགས་དཔེ་མཛོད་ཁང་གི་ཤེའི་ཏི་ལིའི་(新德里)གཞུང་ལས་ཁང་འགོ་འཛིན་ཆེ་བ་དེ་ཡིན། ༡༩༨༥ལོའི་ཟླ་༩པ་ནས་༡༩༩༤ལོའི་ཟླ་༧བར། ལས་དོན་རྒྱ་གར་ཉིའི་ཤིས་ཡ་ཡང་ཅང་ཏང་(印度尼西亚雅加达)་སྤོར་བ། ཨ་རི་རྒྱལ་ཚོགས་དཔེ་མཛོད་ཁང་གི་ཉིའི་ཤིས་ཡ་ཡང་ཅང་ཏང་གཞུང་ལས་ཁང་འགོ་འཛིན་ཡིན། ༡༩༩༤ལོའི་ཟླ་བ་༧པ་ནས་༡༩༩༦ལོའི་ཟླ་༡༢་བར། ཨེ་ཅིབ་ན་འབྱོར་ནས་ཨ་རི་དཔེ་མཛོད་ཁང་གི་ ཁེ་རོ ་(开罗)གཞུང་ལས་ཁང་འགོ་འཛིན་འགན་ཁུར་སྲིད།

དེའི་བར།  ཁོ་བོས་གཙོ་བོ་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱས་པ། ཡ་ཅང་ཏང雅加达་དུ་རྒྱ་གར་རྒྱ་མི་རྩོམ་རིག་ལ་ཞིབ་འཇུག་བྱས་པ།  ཁེ་རོ་(开罗)རུ་ཨེ་ཅིབ་(埃及)ཚན་རིག་ཁྱབ་སྤེལ་པའི་རོལ་དབྱངས་ལ་ཞིབ་འཇུག་བྱས་པ། མདོར་ན་ཁོ་བོས་ཤེའི་ཏི་ལི་ཡང་ན་ཡ་ཅང་ཏང་།  ཁེ་བོ་རུ་བྱ་བ་བྱས་དུས་བོད་རིགས་རིག་གནས་ལ་ཞིབ་འཇུག་བྱས་རྒྱུ་དེ་གཏན་ནས་ཚར་བཞག་མེད།  ལོ་༤༠ལྷག་གི་རིང་ལ་བོད་རིག་ཚད་ལྡན་ཡིག་ཆ་འཚོལ་སྡུད་དང་ཞིབ་འཇུག་བྱས་ནས་འཇམ་དབྱངས་རྣམ་རྒྱལ་མཆོག་གིས་༡༢༠༠༠་ཙམ་གྱི་རིན་ཐང་ལྡན་པའི་བོད་རིག་ཡིག་ཆ་ཉར་ཚངས་དང་ཞིབ་འཇུག་བྱས་པས།  རྒྱལ་སྤྱི་ཐོག་བོད་རིག་ཚད་ལྡན་ཡིག་ཆའི་ཆེས་མཁས་ཞེས་པའི་མཚན་བསྟོད་ཐོབ་ཡོད།  འཇམ་དབྱངས་རྣམ་རྒྱལ་མཆོག་གི་ལོ་༤༠ཙམ་གྱི་སློབ་སྦྱོང་བྱས་ནས་བོད་སྐད་དང་སོག་སྐད།  ཨུ་རུ་སུའི་སྐད།  རྒྱ་གར་གྱི་སྐད།  དབྱིན་ཏིའི་སྐད། ཝུ་ཨ་ཏུའི་སྐད། བལ་པོའི་སྐད་སོགས་ཤེས་འདུག 

གསུམ་པ། བོད་བརྒྱུད་ནང་བསྟན་གྱི་ཡིག་ཚངས་ལྟེ་གནས་གསར་གཏོད་བ།

༡༩༩༧ལོར། འཇམ་དབྱངས་རྣམ་རྒྱལ་མཆོག་ཁེ་བོ་ས་ཞིང་ནས་ཨ་རི་ཚུར་ཡོང་རྗེས་ལས་འཁྱུར་ངལ་གསོ་བྱས་པ། ༡༩༩༧ལོ་ནས་༡༩༩༨ལོ་བར། ཧི་མ་ལ་ཡ་དང་ཡ་གླིང་ཡིག་ཆ་དཔེ་མཛོད་ཁང་གི་བློ་འདྲི་ས་ཡིན། ༡༩༩༩ལོར། འཇམ་དབྱངས་རྣམ་རྒྱལ་མཆོག་དང་གྲོགས་པོ་འགར། ཨ་རི་ཧ་ཧྥི་སློབ་ཆེན་(哈佛大学)་གྱི་དགེ་རྒན་ཆེན་མོ་དང་བོད་རིག་ཆེས་མཁས་པLeonard van der kuijp་བཅས་དང་མཉམ་དུ་ཨ་རི་པུའུ་ཧྲིའུ་ཏན་དུ་བོད་བརྒྱུད་ནང་བསྟན་གྱི་དཔྱད་ཡིག་ཡིག་ཚངས་ལྟེ་གནས་གསར་བཙུགས་བྱས་པ། (བསྡུས་མིང་(简称TBRC) TBRC་ནི་ཁེ་འབབ་མིན་པའི་རྩ་འཛུགས་ཡིན། གཙོ་བོ་འཇམ་དབྱངས་རྣམ་རྒྱལ་མཆོག་གིས་འཚོལ་སྡུད་བྱས་པའི་བོད་རིག་ཡིག་ཆ་ཡིན། ལས་ཁུངས་དེ་༢༠༠༣ལོར་ཉུང་ཡན(纽约)་ས་གནས་སུ་སྤོར། TBRC་ནང་༡༢༠༠༠ཙམ་གྱི་བོད་རིགས་ཀྱི་ཚད་ལྡན་ཡིག་ཆ་ཡོད། གཙོ་བོ་ཆོས་ལུགས་དང་མཚན་ཉིད་རིག་པ། གསོ་རིག སྒྱུ་རྩལ། སེམས་ཁམས་རིག་པ། སྐར་མཚན། སྐར་རྩིས་རིག་པ། སྙན་ངག ལོ་རྒྱུས་རིག་པ་སོགས་ལྡན་པས། དེའི་ནང་ད་དུང་བོད་བརྒྱུད་ནང་བསྟན་གྱི་རྙིང་མ་པ་དང་བཀའ་བརྒྱུད་པ། དགེ་ལུགས། ས་སྐྱ་པ། ཇོ་ནང་པ། བེལ་པོ་ཆོས་བཅས་ཀྱི་ཡིག་ཆ་གང་མང་ཞིག་ཡོད། སྡེ་དགེའི་པར་ཁང་གི་བཀའ་བསྟན་འགྱུར་དང་། ལ་དྭགས་ས་ཁུལ་གྱི་ལག་བྲིས་པའི་བཀའ་འགྱུར། རྒྱལ་བ་ཏྰ་ལ་བླ་མ་སྐུ་ཕྲེང་རིམ་བྱོན་པའི་རྣམ་ཐར་དང་པཎ་ཆེན་སྐུ་ཕྲེང་དང་པོ་ནས་བརྒྱད་པའིབར་རྣམ་ཐར། དེ་མིན་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོའི་སྤྲུལ་སྐུ་དང་བླ་མའི་རྣམ་ཐར་སོགས་ཀྱ་རིན་ཐང་ལྡན་པའི་ཡིག་ཆ་ཡོད། TBRC་ཆེས་སྔ་མ་ཉར་ཚངས་བྱས་པའི་བོད་རིག་ཚད་ལྡན་ཡིག་ཆ་ནང་ཧུའུ་པིའི་ལི(忽必烈)་ཡིས་བཟོ་རྐོ་བྱས་པའི་དུས་ཀྱི་འཁོར་ལོའི་འགྲེལ་བ་དང་ཡིག་ཆ་དེའི་ནང་དུ་གུ་རུ་མཚན་བརྒྱད་ཀྱི་ལྗགས་བསྔོ་ཡང་སྲིད། དེང་སང་ TBRC་ལས་གཞི་འཆར་འགོད་གཉིས་ཡོད་དེ། གཅིག་ནི་ TBRC་་ནང་རིན་ཐང་ལྡན་པའི་ཡིག་ཆ་ཚང་མ་གློག་རྡུལ་ཡིག་ཆ་ཐོག་ཕབ་རྒྱུ་དང་འོད་སྡེར་རུ་ཕབ་རྒྱུ་དེ་ཡིན། ༢༠༠༤ལོའི་ཟླ་༧པའི་བར། TBRC་ཡི་ཡིག་ཆ་པོད་༡༢༠༠༠ནང་༤༠༠༠ལྷག་གི་ཡིག་ཆ་གློག་རྡུལ་དང་འོད་སྡེར་རུ་ཕབ་ཚར་བ། འཛམ་གླིང་གི་ས་གནས་སོ་སོའི་སློབ་ཆེན་དང་དཔེ་མཛོད་ཁང་། ཞིབ་འཇུག་ལས་ཁུངས་དང་ལས་མི་གང་རུང་གིས་ TBRC་རུ་བོད་རིག་ཡིག་ཆའི་འོད་སྡེར་ཉོ་ཆོག་པ། TBRC་ཡི་ལས་གཞི་གཉིས་པ་ནི་བོད་རིག་ཡིག་ཚངས་དཔྱད་ཡིག་དེ་དྲ་བའི་གཞི་འཛིན་གྲངས་ཀྱི་མཛོད་གསར་འཛུགས་བྱ་རྒྱུ་དེ་རེད། TBRC་ཡི་དྲ་བ(www.tbrc.org)་ནི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་མི་སྣ་དང་བརྩམས་ཆོས་དཀར་ཆག་སོགས་བཙལ་ཆོག་པའི་དྲ་བའི་ལག་ཆ་ཡིན། དྲ་བ་དེའི་གཙོ་ངོས་སུ་དཔེ་ཆའི་མིང་དང་སྡོད་གནས། མི་སྣ། རྩ་གནད། བརྗོད་བྱ་གཙོ་བོ་སོགས་ཀྱི་ནང་དོན་བཤེར་འཚོལ་བྱ་ཆོག བཤེར་འཚོལ་བྱ་སའི་ནང་དུ་བོད་ཡིག་འབྲི་སྟེ་རང་གི་དགོས་འདོད་ལྟར་བཙལ་པས། དེའི་ནང་དོན་ནི་རྩོམ་པ་པོའི་མིང་དང་དུས་ཚོད། ཕོ་མོ། དགེ་སློབ་ཀྱི་མིང་། བརྩམས་ཆོས་དཀར་ཆག་སོགས་འདུས། ༢༠༠༤ལོའི་ཟླ་བ་༧པར། TBRC་ཡི་དྲ་བ་ཐོག་རྩོམ་པོ་༧༠༠༠ལྷག་དང་བརྩམས་ཆོས་༢༠༠༠༠ལྷག་གི་དཔེ་ཆའི་དཔྱད་ཡིག་ཡོད། དུས་རྒྱུན། འཇམ་དབྱངས་རྣམ་རྒྱལ་མཆོག་གིས་ TBRC་ཡི་དྲ་བ་ཐོག་ནང་དོན་སྣོན་གྱིས་འདུག


བཞི་པ། ཞིབ་འཇུག་འབྲས་བུ་འབུར་དུ་ཐོན་པ། ལོ༤༠ཙམ་གྱི་རིང། འཇམ་དབྱངས་རྣམ་རྒྱལ་མཆོག་གིས་བོད་ཀྱི་རིག་གནས་དང་འབྲེལ་བའི་དཔྱད་རྩོམ་༤༠ལྷག་དང་ཆེད་རྩོམ་༢པར་སྐྲུན་བྱས་ཏེ། ༡༩༦༩ལོར་པར་སྐྲུན་བྱས་པའི་《ཧྥ་ཧྲེ་ཏེའེ་ཡི་བོད་རིག་ཡིག་ཆ་དཀར་ཆག》 《华盛顿大学藏文文献目录》་༢༠༠༡ལོར་པར་སྐྲུན་བྱས་པའི་《བོད་ཡིག་ཡིག་ཆ་——ཧི་མ་ལ་ཡའི་མཐོ་སྒང་གི་ལོ་རྒྱུས་དང་རྩོམ་རིག》 《藏文文献—喜马拉亚高原的历史与文学》་ཆེད་རྩོམ་ཡིན། འཇམ་དབྱངས་རྣམ་རྒྱལ་མཆོག་གིས་ཨ་རི་རྒྱལ་ཚོགས་དཔེ་མཛོད་ཁང་གི་ལས་གཞི་རྣམ་གྲངས་བརྒྱུད་ནས་བོད་ཡིག་ཚད་ལྡན་ཡིག་ཆ་འཚོལ་སྡུད་བྱས་ནས་ཨ་རིས་བོད་རིག་ཞིབ་འཇུག་བྱ་རྒྱུར་ཆ་རྐྱེན་གསར་པ་འཛུགས་བ་རེད། ཨ་རིས་བོད་རིག་ཞིབ་འཇུག་ལ་ཕན་ཆེན་པོ་ཐོགས་ཡོད། དེ་སྔོན། ཨ་རིས་བོད་རིག་ཞིབ་འཇུག་ནུས་པ་ཆེས་མཐོ་ལྡན་པའི་ལས་ཁུངས་ཕལ་ཆེ་ནི་བོད་ཡིག་ཚད་ལྡན་ཡིག་ཆ་དེ་ཚོ་འཚོལ་སྡུད་བྱས་ཡོད་པའི་ལས་ཁུངས་དང་སློབ་གྲྭ་བཅས་ཡིན། ཁོང་རང་ཉིན་ལ་ཤེས་རྒྱ་ཆེ་བའི་ཡོན་ཏན་ཡོད་པ་མ་ཟད། ད་དུང་སྒེར་སེམས་མེད་པའི་མཁས་ཆེན་དམ་པ་ཞིག་ཡིན། ལོ༤༠ལྷག་གི་བོད་རིག་ཞིབ་འཇུག་རིང་འཇམ་དབྱངས་རྣམ་རྒྱལ་མཆོག་གིས་བོད་རིག་ཞིབ་འཇུག་པ་གང་མང་ཞིག་ལ་རོགས་རམ་དང་མཛུབ་སྟོན། དཀའ་གནད་སོགས་སེལ་ཡོད། ཁོང་གིས་ཨ་རིའི་བོད་རིག་རྩོམ་རིག་ལས་རིགས་ཀྱི་སྲུང་འཛིན་གྱི་གོམས་སྲོལ་གཏོར་བས། རང་གི་ཡིག་ཚངས་ཚང་མ་དེ་ཞིབ་འཇུག་བྱས་མི་ཡོངས་དང་ལོངས་སུ་སྤྱོད་པ་མ་ཟད། ད་དུང་ཁོང་རང་ཉིད་ཀྱི་ལོ་མང་པོ་ཟིན་ཐོ་བྱས་ཟིན་པའི་བྲིས་དེབ་ཁྱེར་ཡོང་ནས་བོད་རིག་ཞིབ་འཇུག་བྱས་མི་ཚང་མར་འདོན་སྤྲོད་བྱས་པ། འཇམ་དབྱངས་རྣམ་རྒྱལ་མཆོག་གིས་བཙུགས་པའི་བོད་བརྒྱུད་ནང་བསྟན་གྱི་དཔྱད་ཡིག་ལྟེ་གནས་ནི་ཁོང་རང་ཉིད་ཀྱིས་འཚོལ་སྡུད་བྱས་པའི་ཚད་ལྡན་ཡིག་ཆ་དང་ཁོ་བོའི་སྙན་གྲགས་སོགས་ཀྱི་དབང་གིས་ཉའུ་ཡའེ(纽约)་ས་གནས་སུ་བོད་རིག་ཞིབ་འཇུག་གི་ལས་ཁུངས་གཙོ་བོ་ཞིག་འགྱུར་བ། ཨ་རི་དང་ཡང་ན་རྒྱལ་ཁབ་གཞན་གྱི་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱས་མཁན་སོགས་ཉའུ་ཡའེ(纽约)་ས་གནས་སུ་ཡོང་ནས་བོད་བརྒྱུད་ནང་བསྟན་གྱི་ཡིག་ཆ་ལྟེ་གནས་སུ་དཔྱད་ཡིག་འདྲི་རྟོག་དང་འཇམ་དབྱངས་རྣམ་རྒྱལ་མཆོག་ལ་འཚམས་འདྲི་ཞུ་མཁན་ཆེས་མང་བ་དང་། ཁྱད་པར་དུ་དཔེར་ན་ཧ་ཧྥུའུ་སློབ་ཆེན་(哈佛大学)དང་ཀུའུ་ལེ་པེ་ཡང་སློབ་ཆེན་(哥仑比亚大学)སོགས་ཀྱི་ན་གཞོན་ཞིབ་འཇུག་སློབ་མ་དང་འབུམ་རམས་པ་རྣམས་སྤྲོ་སེམས་འཁོར་བའི་ངང་ནས་ལྟེ་གནས་དེའི་ལས་ཁུངས་ནང་བྱ་བའི་ཞབས་ཞུ་ལས་རྒྱུའི་རེ་འདུན་ཞུ་བ་དང་གོ་སྐབས་དེ་བསྟུན་ནས་འཇམ་དབྱངས་རྣམ་རྒྱལ་མཆོག་མཇལ་བ་དང་བོད་ཀྱི་རིག་གནས་སྦྱངས་མཁན་ཤིན་ཏུ་མང་བོ། དེ་སྔར། འཇམ་དབྱངས་རྣམ་རྒྱལ་མཆོག་TBRC་དཔེ་མཛོད་ཁང་གི་ཀྲུའུ་རེ་ཡིན། དེ་མིན་ཧ་ཧྥུའུ་སློབ་ཆེན་(哈佛大学)་གྱི་མཚན་སྙན་ལྡན་པའི་སློབ་དཔོན་ཆེན་པོ་དང་ཀུའུ་ལེ་པེ་ཡང་སློབ་ཆེན་(哥仑比亚大学)་ཀྱི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་པ་གཞོན་པ། ཨ་རི་ཤེས་རབ་པར་སྐྲུན་ཁང་གི་རྩོམ་ཞུ་བ་(智慧出版社编审)་བཅས་ཡིན། འཇམ་དབྱངས་རྣམ་རྒྱལ་མཆོག་གིས་ཚན་རིག་ཞིབ་འཇུག་ལ་ནན་ཏན་གྱི་རྣམ་འགྱུར་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཕུལ་ཏུ་བྱུང་བས་མཚན་སྙན་མི་ཉུང་བའི་བྱ་དགའ་ཐོབ་ཡོད། ༡༩༨༡ལོ་ནས་༡༩༨༦ལོ་བར། མཛད་རྗེས་བླ་མེད་པའི་ཞབས་ཞུ་བྱ་དགའ་དང་།(功勋服务奖) ༡༩༨༨ལོར། མཛད་རྗེས་འབུར་དུ་ཐོན་པའི་བྱ་དགའ། (功勋服务奖)་ ༡༩༩༧ལོར། ཕུལ་ཏུ་ཕྱིན་པའི་ཞབས་ཞུ་བྱ་དགའ་སོགས་ཐོབ་བོ།(杰出服务奖)


ལྔ་པ། འཇམ་དབྱངས་རྣམ་རྒྱལ་མཆོག་དང་ཀྲུང་གོའི་བོད་རིག་ལས་རིགས་བར་གྱི་མཐུན་འབྲེལ།

འཇམ་དབྱངས་རྣམ་རྒྱལ་མཆོག་དང་ཀྲུང་གོ་བོད་རིག་ལས་རིགས་བར་གྱི་འགྲོ་འབྲེལ་ནི་ལོ་རབས་༢༠པའི་དུས་རབས་༩༠པའི་མཇུག་མར་ཡིན། འཇམ་དབྱངས་རྣམ་རྒྱལ་མཆོག་༡༩༩༧ལོ་དང་༢༠༠༡ལོའི་སྔར་རྗེས་སུ་ཀྲུང་གོར་ཕེབས་ཏེ་རྒྱལ་སྤྱིའི་བོད་ཀྱི་རིག་གནས་ཞིབ་བསྡུར་ཚོགས་འདུ་ནང་བཞུགས་འདུག དེའི་སྐབས་རྒྱལ་ནང་གི་བོད་རིག་ཞིབ་འཇུག་པ་དང་འབྲེལ་བ་ཐོག་མ་བྱས། བོད་བརྒྱུད་ནང་བསྟན་ཡིག་ཚངས་ལྟེ་གནས་འཛུགས་སྐྲུན་བྱས་རྗེས། ལོ་རེར་ཀྲུང་གོའི་བོད་རིག་ཞིབ་འཇུག་པ་འཚམས་འདྲི་ཞུ་བ་འབྱོར་བས་འཇམ་དབྱངས་རྣམ་རྒྱལ་མཆོག་གིས་སྣེ་ལེན་ལེགས་པོ་བྱས་པ་མ་ཟད། ད་དུང་། ཀྲུང་གོའི་མཁས་ཆེན་དག་ལ་ཡིག་ཆ་འདོན་སྤྲོད་བྱས་ཡོད་འདུག འཇམ་དབྱངས་རྣམ་རྒྱལ་མཆོག་གིས་ཀྲུང་གོའི་བོད་རིག་འགྱུར་བ་དང་འགུལ་ཚུལ་ཤེས་པ་དང་ཀྲུང་གོའི་བོད་རིག་མཁས་ཆེན་གྱི་རིག་གཞུང་བརྩམས་ཆོས་ཤེས། བོད་བརྒྱུད་ནང་བསྟན་གྱི་དཔྱད་ཡིག་ཡིག་ཚངས་ལྟེ་གནས་ཀྱི་དྲ་རྒྱ་ཐོག་ཀྲུང་གོའི་བོད་རིག་ཞིབ་འཇུག་པའི་བརྩམས་ཆོས་འགའ་ཡོད། འཇམ་དབྱངས་རྣམ་རྒྱལ་མཆོག་གིས་འཚོལ་སྡུད་བྱས་པའི་དཔེ་དེབ་ཡིག་ཆ་ནང་ཀྲུང་གོའི་བོད་རིག་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་མི་རིགས་པར་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་བོད་ཡིག་སོགས་ཀྱི་ནང་དོན་ཡང་འདུས། ཁོ་བོས་ཀྲུང་གོའི་བོད་རིག་ཞིབ་འཇུག་ལས་རིགས་དང་མི་རིགས་པར་སྐྲུན་ཁང་ལ་འདེད་འཇོག་ལེགས་པོ་བྱས། ཁྱད་པར་དུ་ཀྲུང་གོའི་བོད་རིག་ཞིབ་འཇུག་ལྟེ་གནས་ཀྱི་པར་སྐྲུན་བྱས་པའི་བཀའ་བསྟན་འགྱུར་ནི་སྔར་ན་མེད་པའི་གྲུབ་འབྲས་ཆེན་པོ་ལྡན། དེ་ནི་བོད་རིག་ཞིབ་འཇུག་ལ་དོན་སྙིང་གཏིང་ཟབ་ལྡན་པ་མ་ཟད། ད་དུང་། མིའི་རིགས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་འཕེལ་རྒྱས་ལ་བྱས་རྗེས་ཚད་མེད་བཞག་ཞེས་གསུངས་འདུག ཚེ་རིང་དོན་འགྲུབ། (དར་མདོ་བ། ད་ལྟ་ལྷོ་ནུབ་མི་རིགས་སློབ་གྲྭའི་ཞིབ་འཇུག་སློབ་མ་ཡིན།)

Request རྩོམ་སྒྲིག

您好!你可以创建关于塞莱娜戈麦斯的文章,女女卡卡黛咪洛瓦托?谢谢。 --112.210.55.163 ༡༢:༡༡, ༢༤ ཟླ་བཞི་བ། ༢༠༡༢ (UTC)Reply

"https://bo.wikipedia.org/w/index.php?title=User_talk:Zrdz915&oldid=98477"ལས་སླར་རྙེད་སོང།