༄༅། །ལྷག་བསམ་རྣམ་པར་དཀར་བའི་བོད་གཅེས་བློ་གསལ་རྣམ་པ།
སོ་སོས་འདོད་མོས་ལྟར་ཝེ་ཁེ་རིག་མཛོད་དུ་ཐ་སྙད་གསར་བཟོ་གནང་བའི་ཚེ་སྐབས་བབ་ཀྱི་ཐ་སྙད་དེ་ལ་དམིགས་ནས་འགྲེལ་པ་གང་འཐུས་རེ་མཛད་པར་ཞུ།

རོང་བན།
༡༥:༣༠, ༢༩ ཟླ་དྲུག་པ། ༢༠༡༡

བོད་སྐད་དེ་སྐད་རིགས་གཞན་དང་འདྲེས་ཚབས་ཆེ་བ། རྩོམ་སྒྲིག

ད་ལྟ་བོད་ཕྱི་ལོགས་ལ་ཡོད་པའི་བོད་པ་མང་ཤོས་ཀྱི་སྐད་དེ་དབྱིན་མ་བོད་དང་བོད་ནང་ལོགས་ལ་ཡོད་པའི་ལོ་ཆུང་མང་པོའི་སྐད་དེ་རྒྱ་མ་བོད་དུ་འགྱུར་ཚབས་ཆེ་བའི་སྒང་ཡིན་པས་ཁྱེད་ལ་འདིའི་ཐད་བློ་ཐབས་ཡག་པོ་ཅི་ཡོད་གསུངས་དང་། རོང་བན། ༠༦:༤༨, ༢ ཟླ་བདུན་པ། ༢༠༡༡

ཁྱིམ་པས་རབ་བྱུང་གི་སྐྱོན་འཚོལ་བ་འདི་ལྟས་ལེགས་པོ་ཞིག་མ་རེད་སྙམ། རྩོམ་སྒྲིག

ད་ལྟ་སྤྱི་ཚོགས་ཐོག་ཏུ་རབ་བྱུང་འགའ་རེའི་ཀུན་སྤྱོད་ལ་བལྟས་ནས་ཁྱིམ་པ་མི་ཉུང་བས་རབ་བྱུང་སྤྱིའི་ཐོག་ཏུ་སྐྱོན་བརྗོད་བྱེད་ཀྱིན་འདུག སྤྱིར་མིའི་མཛུ་གུ་ལྔ་ལའང་རིང་ཐུང་ཡོད་པ་ལྟར་རབ་བྱུང་གི་ནང་དུ་ཐོས་བསམ་སྒོམ་གསུམ་ལ་བརྩོན་མ་ནུས་པར་མི་ཚེ་འཁྱོལ་ཐབས་བྱེད་མཁན་རེ་ཟུང་ཡོད་ཚོད་རེད་དེ། དེ་ནི་བོད་ཀྱི་སྲོལ་རྒྱུན་ལས་ལྡོག་སྟེ་ཁྱིམ་པས་རབ་བྱུང་གི་སྐྱོན་འཚོལ་བརྗོད་བྱེད་དགོས་པའི་རྒྱུ་མཚན་ག་ལ་ཡིན། རབ་བྱུང་རེ་རེ་ལ་བླ་མ་དང་དགོན་པའམ་རི་ཁྲོད་རེ་རེ་ཡོད་པས་དེ་རྣམས་ཀྱིས་དོ་དམ་བྱེད་དགོས་པ་རེད་མ་གཏོགས་དེ་ཁྱིམ་པའི་བྱ་བ་མ་རེད། གལ་སྲིད་ལྷག་བསམ་དཀར་བ་ཞིག་ཡིན་ན་ནི་དེ་མཐུན་གྱི་བསམ་འཆར་རྣམས་ཐབས་མཁས་ཀྱི་སྒོ་ནས་དོ་དམ་པ་ལ་ལྷུག་པོར་ཞུ་ན་འགྲིག་པ་རེད། རོང་བན།
༠༧:༣༥, ༦ ཟླ་བདུན་པ། ༢༠༡༡

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དབུ་བརྙེས་ནས་ལོ་སུམ་ཅུ་འཁོར་བ་རེད། རྩོམ་སྒྲིག

ད་ལྟ་དར་རྩེ་མདོའི་གཡག་རྭ་ལུང་པར་གཏན་ཆགས་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དེ་སྤྱི་ལོ༡༩༨༡ ཟླ༡༠ ཚེས༥ ལ་དབུ་བརྙེས་ནས་ད་བར་ལོ་སུམ་ཅུ་འཁོར་བ་རེད། དེའི་རིང་ལ་སློབ་བཞི་སྟོང་དགུ་བརྒྱ་ཙམ་གསོ་སྐྱོང་བྱས་ནས་བོད་ཀྱི་སྤྱི་ཚོགས་སུ་བཏང་ཟིན། སློབ་གྲྭ་འདིའི་སློབ་མ་ཡོད་ཚད་བོད་རིགས་རེད།
༢༠༡༡ ལོའི་ཟླ༡༠ ཚེས༡༨ དང་༡༩ གཉིས་ལ་སློབ་གྲྭ་རང་མལ་དུ་ལོ་འཁོར་སུམ་ཅུའི་དགའ་སྟོན་གཟབ་རྒྱས་ངང་བོད་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྒོ་ནས་སྤེལ་སོང་། མཐར་ཕྱིན་སློབ་མ་མི་ཉུང་བ་མ་ཡུམ་སློབ་གྲྭར་ལོག་ཕེབས་ནས་མཉམ་སྤྲོ་བཏང་བ་དང་སློབ་གྲྭ་ལ་རྟེན་དང་རྒྱུ། གླུ་བྲོ་སོགས་ཀྱི་ལེགས་སྐྱེས་ཀྱང་ཕུལ། ཁྱད་པར་དུ་དགུང་ལོ་གྱ་བཞི་ལོན་པའི་དགེ་བའི་བཤེས་གཉེན་མཆོག་སྤྲུལ་སྐལ་བཟང་དར་རྒྱས་དང་། དགུང་ལོ་དོན་བདུན་ལོན་པའི་བཤེས་གཉེན་ས་འགོ་མཆོག་སྤྲུལ་ནོར་བུ་དྲི་མེད་རྣམ་པ་གཉིས་ཀྱང་སྔར་རང་ཉིད་ཀྱིས་སློབ་མ་བསྐྱངས་པའི་གནས་ཏེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་དགའ་སྟོན་ལ་ཞུགས་པར་ཕྱག་ཕེབས་གནང་བ་རེད།
བོད་ཡིག་སློབ་གྲྭ་འདི་བོད་ཀྱི་སྲོལ་རྒྱུན་རིག་གནས་བོད་རང་གི་སྐད་ཡིག་ལ་བརྟེན་ནས་འཆད་ཉན་ཚད་ལྡན་གནང་ཡུལ་གལ་ཆེན་ཞིག་ཡིན་པས་སློབ་གྲྭ་འདི་ཉིད་རྒྱ་ནག་སྲིད་གཞུང་གི་ཁྲལ་ལས་སུ་མི་བརྩི་བར་བོད་ལ་ལྷག་བསམ་དཀར་བའི་བློ་ལྡན་ཀུན་གྱིས་མུ་མཐུད་དེ་འདིའི་མདུན་ལམ་ལ་ཐུགས་ཁུར་གནང་འཚལ། །

རོང་བན། ༠༩:༢༦, ༢༤ ཟླ་བཅུ་བ། ༢༠༡༡

ཚང་མ་ལམ་བུ་གཅིག་གི་ཐོག་ཏུ་བསྐྱོད་དགོས་པ་མ་རེད། ། རྩོམ་སྒྲིག

ད་ལྟ་སྙན་གྲགས་བླ་ན་འབར་བའི་བླ་རུང་སྒར་གྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་བསོད་དར་རྒྱས་རྣམ་པ་གཉིས་ཀྱིས་རྒྱ་ཡིག་རྒྱ་སྐད་ཀྱི་ཐོག་ནས་འགྲོ་ཕན་ཆེར་མཛད་ཅིང་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད། འོན་ཀྱང་རང་ཅག་གིས་ཁོང་རྣམ་པ་གཉིས་ཀྱི་ཐབས་མཁས་དང་ཤེས་རབ་ལ་སློབ་སྦྱོང་བྱས་ན་འགྲིག་པ་ལས་ཇི་བཞིན་ལད་མོ་བྱེད་དགོས་པ་མ་རེད་བསམ་གྱི་འདུག གཏམ་དཔེར། སྟག་མཆོང་སར་ཝ་མཆོང་། ཝ་མོ་མི་སླེབས་སྐེད་པ་ཆག །ཟེར་བ་ཡིན་པས་སོ་སོ་ལ་རྒྱུས་ཆེ་བའི་བོད་ཡིག་བོད་སྐད་ཀྱི་སྒོ་ནས་བོད་ཡུལ་དུ་སོ་སོས་ནུས་པས་ལྕོགས་ཚོད་ཀྱི་བྱ་བ་སྒྲུབ་ཆོག་པ་རེད། ཚང་མ་རྒྱའི་སྐད་ཡིག་ཁོ་ན་ལ་རུབ་མི་དགོས་སོ་སྙམ། །

བོད་ཀྱི་ལོ་གསར་དེ་དཔྱིད་གསར་དུས་ཆེན་དང་གཅིག་པ་མིན་པས་ནོར་བར་མི་བྱ། རྩོམ་སྒྲིག

ད་ལྟ་བོད་མི་མང་ཤོས་ཀྱིས་རང་ལུགས་ལོ་གསར་ནམ་ཡིན་ཡང་ཤེས་ཀྱི་མི་འདུག འདི་ནི་གནས་ཚུལ་སྐྱོ་པོ་རེད། རང་གི་སྐར་རྩིས་མ་ཤེས་ཀྱང་ལོ་ཐོ་ལ་ལྟ་བའི་གོམས་གཤིས་ཙམ་ཡོད་ན་ཡང་ནོར་བ་དེ་རིགས་འབྱུང་གི་མ་རེད།

Request རྩོམ་སྒྲིག

您好!你可以创建关于塞莱娜戈麦斯的文章,女女卡卡黛咪洛瓦托?谢谢。 --112.210.55.163 ༡༢:༡༡, ༢༤ ཟླ་བཞི་བ། ༢༠༡༢ (UTC)Reply

ཁམས་བཟང་། རྩོམ་སྒྲིག

ང་རང་ཡང་ལོ་ཤས་གོང་ནས་ཝེ་ཁེ་རིག་མཛོད་ནང་ཐོ་འགོད་ནས་ཚིག་ཚན་གང་མང་གསར་བཟོ་དང་འགྲེལ་བཤད་ནང་འཇུག་བྱེད་མཁན་གྱི་སློབ་ཆེན་སློབ་མ་ནས་ད་ལྟ་སློབ་འབྲིང་གི་དགེ་རྒན་དཀྱུས་མ་ཞིག་ཏུ་གྱུར་ཟིན། ང་ཡང་ཝེ་ཁེ་རིག་མཛོད་ལ་དགའ་པོ་ཡོད་ལ་དེ་བས་དེའི་ནང་གི་ཚིག་ཚན་མང་རུ་གཏོང་ཐུབ་པའི་སེམས་ཤུགས་ཚད་མེད་བཅངས་ནས་དུས་རྟག་ཏུ་འདིའི་ཕྱོགས་སུ་འབད་པ་བྱེད་ཀྱི་ཡོད། དེ་ནས་ང་རང་གི་བསམ་པར་བོད་ནང་ཁུལ་དུ་ཝེ་ཁེ་རིག་མཛོད་བཟོ་མཁན་གྱི་ཝེ་ཁེ་བ་གང་མང་ཞིག་དགོས་འདུག་ལ་ཆུ་ཚད་ལྡན་པའི་ཝེ་ཁེ་བ་ཡང་མི་ཉུང་བ་ཞི་དགོས་འདུག རང་ཉིད་གཅིག་ནས་སློབ་སྦྱོང་དང་གཉིས་ནས་བོད་ཡིག་ཝེ་ཁེ་ཚོགས་ཆུང་ཞིག་འཛུགས་འདོད་ཆེན་པོ་ཡོད། དེའི་ཐད་ཁྱེད་ལ་བསམ་འཆར་གང་ཡོད་དམ། དེ་བས་རེ་བར་ཁྱེད་ཀྱིས་ཚོགས་པ་འདིའི་ནང་ཞུགས་པར་དགའ་བསུ་ཞུ། ། --ལུག་རིན་པོ་ཆེ། (talk) ༡༣:༡༣, ༣ ཟླ་བཅུ་གཅིག་པ། ༢༠༡༢ (UTC)Reply