རྣམ་གླིང་རྫོང་།

རྣམ་གླིང་རྫོང་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

རྣམ་གླིང་ང་ཡི་ཕ་ཡུལ་

File:རྣམ་གླིང་རྫོང་།.png
རྣམ་གླིང་རྫོང་།

རྣམ་གླིང་ང་ཡི་ཕ་ཡུལ་ཡིན།

རྩོམ་སྒྲིག

རྣམ་གླིང་རྫོང་ནི་གཞིས་རྩེ་གྲོང་ཁྱེར་གྱི་བྱང་ངོས་སུ་གནས་ཡོད་ཅིང་རྣམ་གླིང་གི་སྔ་མའི་མིང་ལ་༼ཤངས་༽ཟེར་ རྣམ་གླིང་རྫོང་ལ་ཤང་ཁག་བཙོ་བརྒྱད་ཡོད་དེ་ སྟག་སྣ་ཤང་ ཆུམ་ཤང་ རྣམ་གླིང་ཤང་ རྒྱ་མཚོ་ཤང་ ཨེ་མར་ཤང་ ནུབ་མ་ཤང་ ཕོ་ཏམ་ཤང་ རིན་བསྡུས་ཤང་ མདོ་བརྗོད་ཤང་ ཚར་ཤང་ ཁར་རྩེ་ཤང་ སོག་ཆེན་ཤང་ ཐོབ་རྒྱལ་ཤང་ ར་ཐང་ཤང་ ལྷ་བུ་ཕུ་ཤང་ མང་ར་ཤང་། སྟག་རྩེ་ཤང་བཅས་ཡོད་ཅིང་ད་ལྟ་རྣམ་གླིང་རྫོང་ལ་མི་གྲངས་ཁྲི་བརྒྱད་ཡོད།།

རྣམ་གླིང་བརྗོད་པའི་སྐབས་ཤང་ཆུ་ནི་མེད་དུ་མི་རུང་བ་ཞིག་ཡིན་ ཤང་ཆུ་གཙང་པོས་སྙན་པའི་ཆུ་སྒྲ་སྒྲོགས་ཤིང་རྣམ་གླིང་གི་བྲང་ཁ་བརྒྱུད་ནས་ མཐའ་མར་ཡངས་པའི་ཡར་ཀླུང་གཙང་པོར་འདྲེས། དགུན་ཁ་དང་དཔྱིད་ཀའི་དུས་སུ་ཤང་ཆུ་ཆུང་མདོག་ཁ་ན་ཡང་ ནམ་ཟླ་དབྱར་ཁ་ཤར་དུས་ ཤང་ཆུ་རྒྱས་ནས་ཁ་མདོག་དམར་སེར་ཆགས་པ་དང་ རྦ་རླབས་ལང་ལོང་དུ་འཕྱུར་ཞིང་ཆུ་ཁ་མཐོ་བའི་ཟིལ་རལ་གྱིས་མི་ལ་སྐྲག་སྣང་འབྱིན།། རྣམ་གླིང་རྫོང་ལ་སྐད་གྲགས་ཆེ་བའི་དགོན་པ་༼ཤངས་དགའ་ལྡན་ཆོས་འཁོར་གླིང་༽དང་ ༼རིན་ཆེན་སྒང་༽དང་ ༼བདེ་ཆེན་རབས་རྒྱས་༽༼སྟག་སྣ་མགོན་༽འོད་ཡུག༼བྲག་དཀར་དགོན་༽དང་། ༼ལྡིངས་མ་དགོན།༽ ༼གཡུང་དྲུང་གླིང་༽སོགས་ཡོད་ལ་གནས་རི་༼ཟ་འུ་༽ལ་མཇལ་བར་ཡོང་མཁན་གྱི་གནས་མཇལ་པ་མང་པོ་ཡོད། ༼འོད་ཡུག༽ནི་རྣམ་གླིང་རྫོང་གི་ཁུངས་སུ་གཏོགས་ཅིང་འོད་ཡུག་ཁོངས་ཤང་ཁག་བཞི་ཡོད།་ ༡༽ སོག་ཆེན་ཤང་། ༢༽སྟག་རྩེ་ཤང་། ༣༽མང་ར་ཤང་། ༤༽ནུབ་མ་ཤང་བཅས་ཡིན། སོག་ཆེན་ཤང་ཁོངས་སུ་ཡང་མཚོན་ནམ་གྲོང་སྡེ་མང་པོ་ཡོད་པ། པད་ལུང་གྲོང་ཚོ། རབ་དཀར་རམ་བསམ་གླིང་གྲོང་ཚོ། བྲག་དཀར། དགའ་རྩེ། གཡའ་མོ་སོགས་མང་པོ་ཡོད། འོད་ཡུག་ནི་དམ་ཆེན་རྡོ་རྗེ་ལེགས་པའི་འཁྲུངས་ཡུལ་ཡང་ཡིན།འོད་ཡུག་དར་རྒྱས་པས

File:Capture4545
GADEN CHOEKHOR MONASTERY

གཞིས་ཀ་རྩེ་ས་ཁུལ

རྩོམ་སྒྲིག


བོད་རང་སྐྱོང་ལྗོངས།
ལྷ་ས། ཁྲིན་ཀོན་ཆུས།‎ | ལྷུན་གྲུབ་རྫོང་།‎ | འདམ་གཞུང་རྫོང་།‎ | སྙེ་མོ་རྫོང་།‎ | ཆུ་ཤུར་རྫོང་།‎ | སྟོད་ལུང་བདེ་ཆེན་རྫོང་།‎ | སྟག་རྩེ་རྫོང་།‎ | མལ་གྲོ་གུང་དཀར་རྫོང་།
ནག་ཆུ། ནག་ཆུ།‎ | ལྷ་རི་རྫོང་། | འབྲི་རུ་རྫོང་། | གཉན་རོང་རྫོང་། | ཨ་མདོ་རྫོང་།‎ | ཤན་རྩ་རྫོང་། | སོག་རྫོང་། | དཔལ་མགོན་རྫོང་། | སྦྲ་ཆེན་རྫོང་།། | ཉི་མ་རྫོང་། | མཚོ་གཉིས་དོན་གཅོད་ཁྲུའུ།*
ཆབ་མདོ། ཆབ་མདོ་རྫོང་། | འཇོ་མདའ་རྫོང་། | གོ་འཇོ་རྫོང་།‎ | རི་བོ་ཆེ་རྫོང་།‎ | སྟེང་ཆེན་རྫོང་། | བྲག་གཡབ་རྫོང་།‎ | [[དཔའ་ཤོད་རྫོང་]།] | མཛོ་སྒང་རྫོང་།‎ | སྨར་ཁམས་རྫོང་།‎ | ལྷོ་རོང་རྫོང་།‎ | དཔལ་འབར་རྫོང་།‎
ཉིང་ཁྲི། ཉིང་ཁྲི་ས་རྫོང་།‎ | ཀོང་པོ་རྒྱ་མདའ་རྫོང་།‎ | སྨན་གླིང་རྫོང་། | མེ་ཏོག་རྫོང་། | སྤོ་མེས་རྫོང་།‎ | རྫ་ཡུལ་རྫོང་།‎ | སྣང་རྫོང་།‎
ལྷོ་ཁ། སྣེ་གདོང་རྫོང་།‎ | གྲ་ནང་རྫོང་།‎ | གོང་དཀར་རྫོང་།‎ | ཟངས་རི་རྫོང་།‎ | འཕྱོངས་རྒྱས་རྫོང་།‎ | ཆུ་གསུམ་རྫོང་། | མཚོ་སྨད་རྫོང་། | ལྷོ་བྲག་རྫོང་།‎ | རྒྱ་ཚ་རྫོང་།‎ | ལྷུན་རྩེ་རྫོང་།‎ | མཚོ་སྣ་རྫོང་།‎ | སྣ་དཀར་རྩེ་རྫོང་།‎
གཞིས་ཀ་རྩེ། གཞིས་ཀ་རྩེ།‎ | རྣམ་གླིང་རྫོང་།‎ | རྒྱལ་རྩེ།‎ | དིང་རི་རྫོང་།‎ | ས་སྐྱ་རྫོང་།‎ | ལྷ་རྩེ་རྫོང་།‎ | ངམ་རིང་རྫོང་།‎ | བཞད་མཐོང་སྨོན་རྫོང་།‎ | པ་སྣམ་རྫོང་།‎ | རིན་སྤུངས་རྫོང་།‎ | ཁང་དམར་རྫོང་།‎ | གདིང་སྐྱེས་རྫོང་།‎ | འབྲོང་པ་རྫོང་།‎ | གྲོ་མོ་རྫོང་།‎ | སྐྱིད་གྲོང་རྫོང་།‎ | གཉའ་ལམ་རྫོང་།‎ | ས་དགའ་རྫོང་།‎ | གམ་པ་རྫོང་།‎
མངའ་རིས། སྒར་རྫོང་།‎ | སྤུ་ཧྲེང་རྫོང་།‎ | རྩ་མདའ་རྫོང་།‎ | རུ་ཐོག་རྫོང་།‎ | དགེ་རྒྱས་རྫོང་།‎ | སྒེར་རྩེ་རྫོང་།‎ | མཚོ་ཆེན་རྫོང་།‎